have eternal lifeན་འཚ་ཐོབ་བམ།གསུང་རབས་ལས་ཆེས་གསལ་བོའི་སྒོ་ནས་ཡུན་འཚོའི་ལམ་དུ་ཞུགས་དགོས་པ་སྟོན་ཡོད། ཐོག་མར་ང་ཚོས་རང་ཉིད་ཀྱིས་གནམ་བདག་གི་དགོངས་པ་དང་འགལ་ཡོད་པ་ཤེས་དགོས།གང་ཡིན་ཟེར་ན་འཇིག་རྟེན་སྟེང་གི་མི་ཐམས་ཅད་ལ་སྡིག་ཉེས་ཡོད། ང་ཚོས་གནམ་བདག་གྱི་ཞབས་འདྲེན་དུ་འགྱར་བའི་ལས་ངན་བྲས་ཡོད།(Romans3:23).ང་ཚོ་ཚང་མས་གནམ་བདག་ཁོང་ཐུགས་མི་མཉེས་བར་འགྱར་བའི་ལས་ངན་བྱས་ཡོད་པས། དེ་འབྲེལ་གྱི་ཉེས་ཆད་ཐོབ་པ་རེད། དེ་བས་ང་ཚོས་བསག་པའི་སྡིག་ཉེས་དག་མཐར་ཐུགས་གནམ་བདག་གི་དགོང་པ་དང་རྒྱབ་འགལ་བྱས་པས། ངེས་པར་དུ་དེ་འབྲེལ་གྱི་ཡུན་རིང་ཉེས་པ་ཐོབ་པ་རེད། ཉེས་པ་དེ་དང་ལེན་བྱས་པའི་གྱི་མཇུག་འབྲས་ནི་འཆི་བ་ཡིན་མོད། འོན་ཀྱང་ང་ཚོས་ཡེ་ཤུ་བརྒྱུད་ནས་གནམ་བདག་གིས་ང་ཚོ་ལ་གནང་བ་ནི་ཡུན་འཚོ་ཡིན།”(Romans 6:23). ཡིན་ནའང་། ཡེ་ཤུ་ནི་ཉེས་མེད་རེད།(1Peter2:22)གནམ་བདག་གིས་རང་ཉིད་ཀྱི་སྲས་གཅིག་པུ་དེ་མི་ཡུལ་དུ་བཏང་ནས་(John1:1,14)ང་ཚོ་འཆི་བའི་ལམ་ནས་སྐྱོབ་པ་རེད། དེས་གནམ་བདག་གིས་ང་ཚོ་ལ་འཛིན་པའི་བརྩེ་སེམས་མཚོན་པ་རེད། ཡི་ཤུ་ནི་ང་ཚོའི་སྡིག་ཉེས་བསང་ཆེད་དུ་ཤི་བ་རེད།(Romans5:8)ཡེ་ཤུ་རྒྱ་གྲམ་སྟེང་དུ་བཀལ་ནས་ཤི་བ་(John19:31-42)ནི་ང་ཚོའི་ཚབ་ཏུ་མྱངས་པ་རེད། ཉིན་གསུམ་འགོར་རྗེས་ཁོང་སླར་གསོན་བྱུང་བ།(1Corinthians15:1-4) དེས་ཁོང་ཉེས་འགལ་དང་འཆི་བ་ལས་རྒྱལ་ཡོད་པ་བདེན་དཔང་བྱས་ཡོད། རླབས་ཆེ་བའི་བརྩེ་སེམས་ཀྱིས་ང་ཚོ་ལ་སླར་སྐྱེས་གནང་བ་ནི་ཡེ་ཤུ་སླར་གསོན་བྱུང་བ་ལས་ང་ཚོར་འཚོ་བའི་རེ་བ་གནང་བ་རེད།(1 Peter 1:3) ཡིད་ཆེས། ང་ཚོས་ངེས་པར་དུ་ཡི་ཤུ་ལ་འཛིན་པའི་ལྟ་བར་དག་བཅོས་བྱ་དགོས། ཁོང་ནི་སུ་ཡིན་པ། ཁོས་ཅི་ཞིག་བསྒྲུབ་པ། རྒྱུ་རྐྱེན་ཅིའི་ཕྱིར་ང་ཚོ་སྐྱོབ་པ་རེད།(Acts3:19)གལ་ཏེ་ང་ཚོས་ཁོང་ལ་ཡིད་ཆེས་བྱས་ན། ང་ཚོས་ཁོང་ང་ཚོའི་ཚབ་ཏུ་རྒྱ་གྲམ་སྟེང་དུ་སྡིག་ཉེས་ཀྱི་འབྲས་དུ་མྱངས་པར་ཡིད་ཆེས་བྱས་ནས་ཡི་ཤུ་ལ་དད་པ་བྱེད་དགོས། དེ་ལྟར་བྱས་ཚེ་གནམ་བདག་གིས་ང་ཚོ་ཚེ་འཐར་གཏོང་སྲིད།ག རྒྱུ་མཚན་ནི་གནམ་བདག་གིས་འཇིག་རྟེན་འདིར་བརྩེ་དུང་ཟབ་མོ་ཡོད་པས་རེད། ཁོང་གིས་ཁོང་གི་སྲས་གཅིག་བུ་དེ་ཡང་འཇིག་རྟེན་འདིར་སྦྱིན་གནང་བ་རེད། རླབས་ཆེན་གྱི་བྱ་སྤྱོད་དེས་འཇིག་རྟེན་པ་ཚོས་ཁོང་ལ་ཡིད་ཆེས་ཐོབ་པར་འགྱུར་བ་རེད། དེ་བས་ཡུན་འཚོ་ནི་མེད་པར་མི་སྲིད་པ་ཞིག་རེད།(John3:16).གལ་ཏེ་ཁྱོད་ཀྱིས་ཡེ་ཤུ་རང་ཉིད་ཀྱི་མགོན་སྐྱོབ་ཡིན་པ་ཁས་ལེན་བྱས་ཚེ། སེམས་ནས་ཀྱང་གནམ་བདག་གིས་ཁྱོད་ལ་སླར་སྐྱེས་བྱེད་དུ་བཅུག་པར་བསམ། མ་འོངས་པར་ཁྱོད་ཀྱང་སྐྱོབ་སྲིད།(Romans 10:9) ཡེ་ཤུའི་རྒྱ་གྲམ་སྟེང་དུ་འོས་འགན་ལེགས་འགྲུབ་བྱས་པའི་མཆོད་སེམས་གཅིག་བུ་ནི་ཡུན་འཚོ་ཐོབ་རྒྱུ་དེ་རེད། ཁྱོད་ཚོ་སྐྱོབ་ཐུབ་པ་ནི་ལྷད་མེད་ཀྱི་བྱམས་སེམས་དང་ཡིད་ཆེས་ཐོབ་པ་ཡིན་པ་ལས། ཁྱོད་རང་ཉིད་མ་ཡིན། དེ་ནི་ལྷས་གནང་བ་ཡིན་པ་ལས་ཁྱོད་ཀྱིས་བརྩོན་པ་བྱས་པ་ལས་ཐོབ་པ་དེ་ལས་མ་ཡིན། དེ་བས་དེ་ལྟར་ལབ་མཁན་གཅིག་ཀྱང་མེད།(Ephesians 2:8-9). ལ་ཏེ་ཁྱེད་ཀྱིས་ཡི་ཤུ་རང་ཉིད་ཀྱི་མགོན་དུ་བརྟེན་བསམ་ན་གཤམ་གྱི་ནང་དོན་བཞིན་གནམ་བདག་ལ་ཕྱོགས་ནས་སྐྱོར་དགོས་ ཡིད་ལ་འཛིན་རྒྱུར་གཤམ་གྱི་ནང་དོན་སྐྱོར་དུས་ཡི་ཤུ་ཁོ་ན་ཕུད་པའི་གཞན་སུ་ཡང་མགོན་དུ་བརྟེན་མི་ཆོག་ སྨོན་ཚིག་དེ་ནི་རང་གིས་གནམ་བདག་ལ་རང་ཉིད་ཡི་ཤུར་དད་པ་ཡོད་པ་སྟོན་ཐབས་ཙམ་རེད་ཡི་ཤུ་ཡིས་ང་རང་སྡིག་ཉེས་ལས་སྐྱོབ་པར་དྲིན་ཆེ།གནམ་བདག་མཆོག་ངས་རང་ཉིད་ལ་སྡིག་ཉེས་ཡོད་པ་ཤེས་ཀྱི་ཡོད་ལ་ཉེས་པ་ཕོག་དགོས་པའང་ཤེས་འོན་ཀྱང་ཡི་ཤུ་ཡིས་ངའི་ཚབ་ཏུ་ཉེས་པ་དང་ལེན་བྱས་ཟིན་ངས་ཡི་ཤུ་ལ་དད་པ་བྱས་ཏེ་གུ་ཡངས་གནང་རྒྱུའི་རེ་བ་ཡོད།ངས་ཡི་ཤུ་རང་ཉིད་ཀྱི་མགོན་དུ་རྩི་འདོད་ཡོད། ཁྱེད་ཀྱིས་ང་ལ་གུ་ཡངས་དང་ཐུགས་རྗེས་གཟིགས་པར་དྲིན་ཆེ། ཨ་མན། |